阿若德格

阿若德格

《阿若德格》是德格製造演唱的一首歌曲,收錄於2016年10月9日發行的專輯《阿若德格》中。

基本介紹

  • 中文名稱:阿若德格
  • 所屬專輯:阿若德格
  • 發行時間:2016年10月9日
  • 歌曲原唱:德格製造
  • 填詞:德格製造,尼瑪絨波
歌曲歌詞
ཀུན་གསལ་བྷོ་ཊའི་ཡུལ་གྱི་གནས་མཆོག་དེ།།
ལང་ཚོའི་དྲོད་ཁོལ་རྒྱས་པའི་ཕ་ཡུལ་ཞིག།
ཕ་ཡུལ་སྡེ་དགེ་གསེར་གྱི་ཉི་མ་འདྲ།།
ཉི་མའི་འོད་ཟེར་པར་ཁང་ཆོས་མཛོད་ལགས།།
ཨ་རོ་སྡེ་དགེ་་་་སེམས་ནང་གི་ཉི་མ་འདྲ་བའི་སྡེ་དགེ
ཨ་རོ་སྡེ་དགེ་་་་གླིང་གེ་སར་རྒྱལ་པོའི་ཕ་ཡུལ་སྡེ་དགེ
ཨ་རོ་སྡེ་དགེ་་་་པར་ཁང་ཆོས་མཛོད་གནས་ཡུལ་སྡེ་དགེ
ཨ་རོ་སྡེ་དགེ་ ཨ་རོ་སྡེ་དགེ ཨ་རོ་སྡེ་དགེ
ངོ་མཚར་དུ་མས་ཕྱུག་པའི་གནས་མཆོག་དེ།།
དཔའ་བོ་གེ་སར་འཁྲུངས་སའི་ཕ་ཡུལ་ཞིག།
ཕ་ཡུལ་སྡེ་དགེ་དུང་གི་ཟླ་བ་འདྲ་སོང་།།
ཟླ་བའི་ཟེར་མདངས་ལྔ་རིག་སློབ་གྲྭ་ལགས།
།ང་རང་རང་གི་ཕ་ཡུལ་ལ་དགའ
གྲངས་ལས་འདས་པའི་མིའི་ཡིད་སྨོན་བྱེད་སའི་གནས།
ཡོངས་ཞིང་རྒྱ་ཆེ་བའི་རྩྭ་ཐང་ནི་སྡེ་དགེ་མིའི་ཨམ་ཕྲག
བརྗིད་ཆགས་པའི་གངས་རི་ནི་སྡེ་དགེ་མིའི་གཤིས་ཀ
ང་རང་རང་གི་ཕ་ཡུལ་ལ་དགའ
དྭངས་གཙང་གི་མཚོ་ཆུ་ནི་སྡེ་དགེ་མིའི་བསམ་པ
མཐོ་བསྙེགས་ཀྱི་བྱ་རྒོད་ནི་སྡེ་དགེ་མིའི་ཕུགས་མདུན
གནས་འདི་ནི་ཁམས་པ་མི་ཡི་ཐོན་ཁུངས
བོད་མི་རིགས་རིག་གནས་ཀྱི་གཅེས་ནོར
ང་རང་རང་གི་ཕ་ཡུལ་ལ་དགའ
གངས་རི་དཀར་པོ་མནྜལ་འབུལ་འདྲ་དེ།།
དྭངས་གཙང་མཚོ་མོ་ཡོན་ཆབ་གཤམ་སའི་ཡུལ།།
ཕ་ཡུལ་སྡེ་དགེ་སྐར་ཚོགས་བཀྲ་འདྲ་བོ།།
སྐར་ཚོགས་བཀྲགས་མདངས་ཚན་རིག་ལག་ཤེས་ལགས།།

相關詞條

熱門詞條

聯絡我們